首页
/
每日頭條
/
民俗
/
民族團結進步應知應會知識
民族團結進步應知應會知識
更新时间:2024-07-27 20:34:48

民族團結進步應知應會知識(民族團結進步應知應會)1

民族團結進步應知應會知識(民族團結進步應知應會)2

1.ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ནང་དོན་ཅི་ཞིག་ཡིན།

ལན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་གྲུབ་པའི་ཆབ་སྲིད་སྟེང་མཐུན་སྒྲིལ་གཅིག་གྱུར་དང་། རིག་གནས་སྟེང་བཟོད་སྒོམ་མཉམ་གསོག དཔལ་འབྱོར་སྟེང་གཅིག་ལ་གཅིག་བརྟེན། བརྩེ་བའི་སྟེང་ཕན་ཚུན་འདྲིས་ཟབ་བཅས་བྱས་ཏེ། གཅིག་ལ་གཅིག་བརྟེན་དང་ཕན་ཚུན་མཉམ་འདྲེས་ཀྱི་མི་རིགས་ཐུན་མོང་རྩ་འཛུགས་ནི། ཐུན་མོང་གི་ལོ་རྒྱུས་ཆ་རྐྱེན་དང་། ཐུན་མོང་གི་རིན་ཐང་འཚོལ་སྙེག ཐུན་མོང་གི་དངོས་པོའི་རྨང་གཞི། ཐུན་མོང་གི་ཐོབ་ཐང་ངོས་འཛིན། ཐུན་མོང་གི་བསམ་བློའི་དགོངས་དོན་གྱི་རྨང་གཞིའི་སྟེང་གི་ལས་དབང་གཅིག་པའི་ཚོགས་པ་ཞིག་ཡིན།

中華民族共同體的内涵是?

答:中華民族共同體是我國各族人民在長期曆史發展中形成的政治上團結統一,文化上兼容并蓄,經濟上相互依存,情感上相互親近,你中有我、我中有你、誰也離不開誰的民族共同體,是建立在共同曆史條件、共同價值追求、共同物質基礎、共同身份認同、共有精神家園基礎上的命運共同體。

2.ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱིས་རང་རྒྱལ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཇི་ལྟར་གཏན་འཁེལ་བྱས་པ་ཡིན།

ལན། མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་ཕན་ཡོད་ཀྱི་རྒྱུ་རྐྱེན་ཞིག་ཀྱང་ཡིན། མི་རིགས་མང་པོ་གཅིག་གྱུར་དང་། མི་རིགས་སོ་སོའི་སྣ་མང་གཞི་གཅིག་ནི། ཡབ་མེས་ཀྱིས་ང་ཚོ་ལ་བཞག་པའི་རྒྱུ་ནོར་གལ་ཆེན་ཞིག་དང་། ང་ཚོའི་རྒྱལ་ཁབ་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་ཡིན།

中央民族工作會議對我國統一的多民族國家基本國情是怎樣定位的?

答:多民族是我國的一大特色,也是我國發展的一大有利因素。多民族的大一統,各民族的多元一體,是老祖宗留給我們的一筆重要财富,也是我們國家的一個重要優勢。

3.ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཁྲོད་བསམ་བློར་ཀུན་སྤྱོད་འཛུགས་པར་ཤུགས་སྣོན་རྒྱག་དགོས་པའི་ཁྲོད་ཀྱི་“ཡོད་དགོས་པ་གསུམ”ནི་གང་ཡིན།

ལན། མི་དམངས་ལ་དད་པ་ཡོད་པ། རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ། མི་རིགས་ལ་རེ་བ་ཡོད་པ།

黨的十九大報告中加強思想道德建設中的“三有”是指什麼?

答:人民有信仰,國家有力量,民族有希望。

4.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོའི་“ཅན་གསུམ”ནི་གང་ཡིན།

ལན། མི་ཆོས་ཅན། དངོས་གཞི་ཅན། མང་ཚོགས་ཅན།

民族團結進步創建活動要注重“三化”,指的是什麼?

答:人文化、實體化、大衆化。

5. མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་པའི་ཟླ་བ་ནི་ལོ་རེའི་ནམ་ཞིག་ལ་ཡིན།

ལན། ལོ་རེའི་ཟླ་9བའི་ནང་ཡིན།

青海省民族團結進步宣傳月是每年的幾月?

答:每年9月。

6.རང་རྒྱལ་གྱི་མི་རིགས་འབྲེལ་བ་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་གསུམ་ནི་གང་ཡིན།

ལན། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ཁག་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བ་རྒྱུན་འཁྱོངས་བྱེད་པ།

我國處理民族關系的三個基本原則是什麼?

答:堅持民族平等、民族團結和各民族共同繁榮。

7.

ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་གི་འབྲེལ་བ་ཅི་འདྲ་ཞིག་ཡིན།

ལན། ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་གི་འབྲེལ་བ་ནི་ཁྱིམ་གཞི་ཆེན་པོ་ཞིག་དང་དེའི་ཁྲོད་ཀྱི་ཁྱིམ་མིའི་འབྲེལ་བ་དང་། མི་རིགས་ཁག་བར་གྱི་འབྲེལ་བ་ནི་ཁྱིམ་གཞི་ཆེན་པོ་དེའི་ཁྲོད་ཁྱིམ་མིའི་བར་གྱི་འབྲེལ་བ་ལྟ་བུ་ཞིག་ཡིན།

中華民族和各民族是什麼關系?

答:中華民族和各民族的關系是一個大家庭和家庭成員的關系,各民族之間的關系是一個大家庭裡不同成員的關系。

8.

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་རྒྱུན་འཛིན་དགོས་པའི་“གཙོ་གནད་བཞིའེ”འདུ་ཤེས་ནི་ཅི་ཞིག་ཡིན།

ལན། བྱ་བ་རྒྱུན་འཁྱོངས། བསམ་བློ་བརྗེ་རེས། ལག་ལེན་དོན་འཁྱོལ། གཞི་རིམ་དམིགས་འཛིན།

開展民族團結進步創建工作需要秉持的“四個重在”理念是什麼?

答:要秉持“重在平時、重在交心、重在行動、重在基層”理念。

9.

མིག་སྔར་རམ་རྗེས་ཕྱོགས་སུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་སྤྱིའི་དམིགས་འབེན་ནི་ཅི་ཞིག་ཡིན།

ལན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱ་བ་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་བ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་བགྲོད་ལམ་དང་མི་རིགས་གཞུང་ལུགས་སྲིད་ཇུས་སྔར་བས་མི་རྣམས་ཀྱི་སེམས་ལ་འཇགས་པར་སྐུལ་འདེད་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་འགྲོ་ལམ་ལ་ཡིད་ཆེས་དང་། གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས། རིག་གནས་ལ་ཡིད་ཆེས་བྱེད་པ་སྔར་བས་ཇེ་བརྟན་དུ་བཏང་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིན་ཐང་འདུ་ཤེས་རྒྱ་ཁྱབ་ཏུ་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དང་གོང་བུར་འགྲིལ་ཤུགས་མུ་མཐུད་ནས་ཇེ་མཐོར་གཏོང་དགོས། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པ་དང་། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕན་ཚུན་རོགས་འདེགས། འཆམ་མཐུན་འཕེལ་རྒྱས་ངང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་ཇེ་བརྟན་དང་འཕེལ་རྒྱས་གཏོང་དགོས།

當前和今後一段時期,民族團結進步創建工作的總體目标是什麼?

答:通過全面深入開展民族團結進步創建工作,推動實現中華民族偉大複興的中國夢、中國特色解決民族問題正确道路和黨的民族理論政策更加深入人心,各族群衆的道路自信、理論自信、制度自信、文化自信更加堅定;民族團結進步價值理念廣泛弘揚,中華民族共同體意識和凝聚力不斷增強;依法治理民族事務能力顯著提高,各民族和睦相處、和衷共濟、和諧發展,社會主義民族關系進一步鞏固和發展。

10.

མི་རིགས་ཁག་བར་འབྲེལ་འདྲིས་འགྲོ་འོང་བྱེད་པར་སྒྲུབ་དགོས་པའི་“ཕན་ཚུན་དྲུག”གི་ནང་དོན་ཅི་ཞིག་ཡིན།

ལན། མི་རིགས་ཁག་གིས་ཕན་ཚུན་ལ་རྒྱུས་ལོན་དང་། ཕན་ཚུན་ལ་བརྩི་བཀུར། ཕན་ཚུན་ལ་བཟོད་སྒོམ། ཕན་ཚུན་ལ་རོལ་མྱོང་། ཕན་ཚུན་ལ་སློབ་སྦྱོང་། ཕན་ཚུན་ལ་རོགས་རམ།

各民族交往交流交融要做到“六個相互”的内容是什麼?

答:各民族要相互了解、相互尊重、相互包容、相互欣賞、相互學習、相互幫助。

11

.མི་རིགས་བྱ་བའི་ཁྲོད། ཏང་དང་རྒྱལ་ཁབ་ཀྱིས་ནན་གྱིས་བསྟན་པའི“སྲུང་སྐྱོང་བྱེད་པ་ལྔ”ནི་གང་ཡིན།

ལན། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་།

在民族工作中,黨和國家所強調的“五個維護”是什麼?

答:維護社會穩定、維護社會主義法制、維護人民群衆根本利益、維護祖國統一、維護民族團結。

12.གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་འདུ་ཤེས་གསོ་སྐྱོང་བྱེད་པར། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱིས་མི་རིགས་སོ་སོ་རེ་བ་ཇི་འདྲ་བཏོན་ཡོད།

ལན། མི་རིགས་སོ་སོས་བྱིས་པ་ཚོ་རང་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཚོགས་མི་ཞིག་ཡིན་པའི་འདུ་ཤེས་སྐྱེ་བསྲིང་བྱེད་པ་ལས། རང་ཉིད་ནི་མི་རིགས་གང་ཞིག་ཡིན་པ་ཤེས་པས་མི་ཆོག ཐོག་མར་རང་ཉིད་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཞིག་ཡིན་པ་དང་། འདི་ནི་ཟླ་བ་དང་སྐར་མའི་འབྲེལ་བ་ལྟར་ཡིན་པའི་འདུ་ཤེས་སྐྱེད་བསྲིང་ལེགས་པོ་བྱེད་དགོས།

關于培育青少年中華民族共同體意識,中央民族工作會議對各民族是如何要求的?

答:各民族都要培養孩子們樹立中華民族一員的意識,不要讓孩子們隻知道自己是哪個民族的人,首先要知道自己是中華民族,這是月亮和星星的關系。這件事要大張旗鼓做起來,持之以恒做下去。

來源 | 果洛民創

責編 | 韓常龍

,
Comments
Welcome to tft每日頭條 comments! Please keep conversations courteous and on-topic. To fosterproductive and respectful conversations, you may see comments from our Community Managers.
Sign up to post
Sort by
Show More Comments
Copyright 2023-2024 - www.tftnews.com All Rights Reserved